Birth Anniversary of the Glorious Root Guru
Kyabje Dungse Garab Rinpochhe,
Highly Venerated Kyabje Rinpochhe
We wish you a very delightful birth anniversary on this auspicious day. May Kyabje Rinpochhes wishes and aspirations be fulfilled. May all the sentient beings be blessed by the presence of Kyabje Rinpochhhe and flourish the supreme teachings of Buddha.
Let us take an opportunity to pray for his longevity and good health.
Long Live Kyabje Rinpochhe and turn the wheel of Budhhas teachings to all six realms.
༼ ༈འཁྲུངས་སྐར་ཉིན་མོ་བསུ་བའི་རོལ་དབྱངས། ༽
༧ ཡབ་རྗེ་གདུང་སྲས་ཕྲིན་ལས་ནོར་བུ་དང་།།
ཡུམ་ཆེན་རིཊ་བཟང་འཇམ་དབྱཾས་ཆོས་སྒྲོན་མཆོག།།
ཐབས་ཤེས་ཉི་ཟླ་ཟུང་དུ་འབྲེལ་བ་ལས།།
རྫོགས་ཆེན་སྟོན་པའི་ཉི་གཞོན་ཕེབས་པར་བསུ།།
ང་ཡི་བླ་མ་༧་སྐྱབས་རྗེ་དགའ་རབ་རྗེ།།
མཚན་དཔེ་གསར་དུ་བཞད་པའི་འཁྲུངས་སྐར་ལ།།
མི་ཕྱེད་དད་པའི་གསོལ་བ་སྙིང་དབུས་ནས།།
སྐུ་མཆོག་བསྐལ་བརྒྱར་བཞུགས་པའི་སྨོན་འདུན་ཞུ།།
རྩོད་ལྡན་སྙིགས་མ་ལྔ་བདོའི་དུས་ཚོད་འདིར།།
འགྲོ་རྣམས་མུན་པའི་གླིང་དུ་འཁྱམས་པའི་ཚེ།།
དུས་གསུམ་སངས་རྒྱས་ཕྲིན་ལས་གཅིག་འདུས་པའི།།
ཐུགས་རྗེ་ཉི་གཞོན་འཚེར་བའི་དུས་བཟང་བསུ།།
ཤེས་རབ་མིག་ཟུང་ལོང་བའི་ལྗོན་ཤིང་ལ།།
མཚན་དང་དཔེ་བྱད་སྤྲིན་ཕུང་རབ་འཁྲིགས་ཏེ།།
གཏེར་གསར་བསྟན་པའི་རྔ་གསང་ཆེས་ཆེར་བསྒྲགས།།
དགེ་ལེགས་སྦྲང་ཆར་བདུད་རྩི་འབབ་ཉིན་བསུ།།
མཁས་པའི་ཡིད་དབང་འཕྲོག་པའི་ཚིག་བྲལ་ཡང་།།
དད་དམ་གཙང་མའི་མེ་ཏོག་རབ་བརྒྱན་པའི།།
གླུ་གར་རོལ་མོ་མཆོད་པའི་རྟེན་འབྲེལ་གྱིས།།
སྐུ་ཚེ་འགྱུར་མེད་བརྟན་པའི་སྨོན་ལམ་ཞུའོ།།
Негізгі бет A Humble Tribution for Kyabje Dungse Garab Rinpochhe on his Birth Anniversary
Пікірлер: 1