ཐུགས་དམ་སྐོར་གླེང་མོལ།
བོད་ཀྱི་སྲོལ་རྒྱུན་ལེགས་བྱང་ནང་ལ་ཆོས་ཀྱི་ཉམས་རྟོགས་ལེགས་པོ་ཡོད་པའི་སྐྱེས་བུ་དམ་པ་དང་དེ་བཞིན་མི་སྐྱ་ཚོའི་ནང་ལ་དེ་འབྲེལ་ཆོས་ཀྱི་ཉམས་བཞེས་གནང་མཁན་གང་ཞིག་སྐུ་ཚེའི་འཕེན་པ་རྫོགས་སྐབས་སུ་ཐུགས་དམ་ལ་བཞུགས་པར་ངོས་འཛིན་གནང་སྲོལ་ཡོད་པ་ལྟར། བོད་ཀྱི་དེ་བྱུང་ཁྲོད་དུའང་དངོས་སུ་ཐུགས་དམ་ལ་བཞུགས་མཁན་མང་དག་ཅིག་བྱུང་མྱོང་ཡོད་པ་རེད། རླུང་འཕྲིན་ཁང་གི་བོད་ཀྱི་རིག་གཞུང་དང་སྒྱུར་རྩལ་གྱི་དོ་ར་ཞེས་པའི་དམིགས་བསལ་ལས་རིམ་ནང་། དབུས་བོད་ཀྱི་སྨན་རྩིས་ཁང་གི་ཐུགས་དམ་ཉམས་ཞིབ་པ་དང་དཔར་སྐྲུན་སྡེ་ཚན་གྱི་ཞུ་དག་པ་སྨན་རམས་པ་བསུ་སྣང་ངག་དབང་སྦྱིན་པ་ལགས་དང་ལྷན་དུ་ཁོང་གིས་ཉེ་ཆར་འདོན་སྤེལ་གནང་བའི་ཕྱག་དེབ་’’བོད་ཀྱི་གསོ་རིག་ལས་གསུངས་པའི་ལུས་ཆགས་ཚུལ་དང་འཇིགས་ཚུ། དེ་བཞིན་མདོ་རྒྱུད་ལས་བསྟན་པའི་ཐུགས་དམ་ལ་དཔྱད་པ་”ཞེས་པའི་ཕྱག་དེབ་ལས་འཕྲོས་ཏེ་ཐུགས་དམ་གྱི་གོ་དོན་དང་ཐུགས་དམ་མཚན་ཉིད་པ་དང་བཏགས་པའི་ཁྱད་པར། དེ་བཞིན་མདོ་རྒྱུད་གང་དུ་ཐུགས་དམ་སྐོར་ཇི་ལྟར་བསྟན་ཚུལ། ཁོང་གིས་མི་ལོོ་བཅུའི་རིང་ལ་ཐུགས་དམ་ཐོག་ཉམས་ཞིབ་དང་ཕྱག་ལས་གནང་བའི་གྲུབ་དོན་གང་སོན་ཡོད་མེད་སོགས་ཀྱི་ཐོག་གླེང་མོལ་ཞུས་པ་ཞིག་གསན་གཟིགས་གནང་སྐྱོང་ཡོང་བའི་དགོངས་འཇགས་འཚལ།
Art and Culture of Tibet : ‘Thukdam’
In this episode of our Art and Culture of Tibet series, we met with Dr. Ngawang Jinpa Sunang from TMAI to talk about his newly launched book on ‘Thukdam’ a post-death meditative state usually practised by highly realized Buddhist masters.
Негізгі бет Art and Culture of Tibet : ‘Thukdam’
Пікірлер: 21