ཨེ་མ་ལན་གཅིག་གསུང་ལ།
རི་དེ་མཐོན་པོ་ཡ་གིའི་རྩེ་མོ་ནས་ལ།
བུ་མོ་ངས་སྐད་གསང་མཐོན་པོས་གླུ་ཞིག་བླང་།
གླུ་གཞས་མང་པོ་ཡོད་པའི་ཡོད་ངོམས་ཞུས་པ་མིན།
གསུང་སྐད་ལ་སྙན་པོ་ཡོད་མེད་བལྟས་པ་ཡིན།
ཨེ་མ་ལན་གཅིག་གསུང།
སྔོ་དྭངས་ཞིང་གཙང་བའི་ཆུ་མོའི་འགྲམ་ནས།
བུ་མོ་ངས་མངར་བསིལ་ལྡན་པའི་ཆང་ལ་ཆུ་ཞིག་རྒྱབ།
ཆོས་ཆང་མང་པོ་ཡོད་པའི་ཡོད་ངོམས་ཞུས་པ་མིན་ལ།
ཆོས་ཆང་མངར་བསིལ་ལྡན་པའི་བྲོ་བ་གཟིགས་རོགས་གནང་།
ཨེ་མ་ལན་གཅིག་གསུང་ལ།
ང་ཚོ་འདི་རུ་འཛོམས་ལ་འཛོམས་པའི་བཀྲ་ཤིས་ཤོག།
བརྟན་དུ་འཛོམས་རྒྱུ་བྱུང་བའི་བཀྲ་ལ་ཤིས་པ་ཤོག།
དགའ་བ་ལགས་ཀྱི་ཞིག་བྱས་སྡོང་པོ་ལགས་ཀྱི།
ཕུན་ཚོགས་བདེ་སྐྱིད་འཛོམས་པའི་བཀྲ་ལ་ཤིས་པར་ཤོག།།
Негізгі бет changshey by tenzin tsomo
Пікірлер: 10