This is a tribute song to His Majesty the fourth king, Jigme Singye Wangchuck by Kinley Tshering Toeb.
ལྷའི་ཞིང་ཁམས་འདྲ་བའི་རྒྱལ་ཁབ་ནང་།། འབྲུག་མི་གེ་ར་བསོད་ནམས་ཆེཝ་ལས་བརྟེན།།
ལྷ་དང་ལྷ་མའི་ལུང་བསྟན་དུས་ལུ་འབབ།། མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག།
བྱང་ཆུབ་སེམས་དཔའི་སྤྲུལ་པ་འཁྲུངས་པ་ལེགས།།
བྱང་ཆུབ་སེམས་དཔའ་སྐུ་དངོས་མཆོག། ཆོས་ལྡན་རྒྱལ་ཁབ་ནང་ལུ་འཁྲུངས།།
རྒྱལ་ཁབ་ཆོས་བཞིན་སྐྱོང་གནང་སྟེ།། མི་སེར་གེ་ར་བདེ་བར་བཀོད།།
མི་དབང་མངའ་བདག་རྒྱལ་པོ་མཆོག། བྱང་ཆུབ་སེམས་དཔའ་དངོས་སུ་ཨིན།།
སྙིང་བརྗེ་འཕགས་པ་སྤྱན་རས་གཟིགས།། མཐུ་སྟོབས་ཨོ་རྒྱན་རིན་པོ་ཆེ།།
བསོད་ནམས་ཆེ་བའི་འབྲུག་མི་གི། ཕྱག་དང་མཆོད་པའི་རྟེན་བཟང་ཨིན།།
མི་དབང་འབྲུག་རྒྱལ་བཞི་པ་མཆོག། བྱང་ཆུབ་སེམས་དཔའ་དངོས་སུ་ཨིན།།
འབྲུག་མི་ཡོངས་ཀྱི་སྐྱབས་དང་མགོན་པོ་མཆོག། མི་དབང་མངའ་བདག་འཇིགས་མེད་སེངྒེ་མཆོག།
སྐུ་ཚེ་ཆུ་ལས་རིང་བའི་སྨོན་ལམ་ཞུ།། སྐུ་སྲོག་བྲག་ལས་བརྟེན་པའི་སྨོན་ལམ་ཞུ།།
མཛད་པ་འཕྲིན་ལས་དར་ཞིང་རྒྱས་པར་ཤོག། འབྲུག་མི་ག་ར་བདེ་སྐྱིད་ལྡན་པར་ཤོག།
Soundcloud track link----
/ druk-gi-jangchu-sem-a-...
Негізгі бет Druk Gi Jangchu Sem- a tribute song by Kinley Tshering Toeb to the 4th King of Bhutan
Пікірлер: 27