ཕེབས་ཤོག། ཕེབས་ཤོག།
རྩྭ་ཐང་འདི་རུ་ཕེབས་ཤོག།
རྩྭ་ཐང་གྲུ་བཞིའི་སྦྲ་ནག་སྨུག་པོའི་ནང།
ཞོ་དང་འོ་མའི་མཆོད་པ་འདི་ན་ཡོད།
ཕ་དང་མེས་པོའི་འཛུམ་མདངས་འདི་ན་ཡོད།
བསོ་ཤ་ཉེ་ཚོ།
མི་རིགས་གོང་མའི་ཤུལ་བཞག་རྒྱུད་འཛིན་ཡོད།
བསོ་་་་་གྲོགས་པོ་ཚོ།
ཕེབས་ཤོག་ཕེབས་ཤོག་རྩྭ་ཐང་འདི་རུ་ཕེབས་ཤོག།
ཕེབས་ཤོག། ཕེབས་ཤོག།
རྩ་ཐང་མེ་ཏོག་སྣ་མང་བཞད་པའི་ནང།
གཡང་དཀར་ལུག་གི་འབའ་སྒྲ་སྙན་མོ་ཡོད།
རྟ་ཕོའི་འཚེར་སྐད་འབྲི་མོའི་ངུར་སྒྲ་ཡོད།
བསོ་་་་་་་ཤ་ཉེ་ཚོ།
སྐར་ཚོགས་བཀྲ་བའི་གཡང་ཟོག་ལྷ་ཟོག་ཡོད།
བསོ་གྲོགས་པོ་ཚོ།
ཕེབས་ཤོག་ཕེབས་ཤོག་སྦྲ་ནག་འདི་རུ་ཕེབས་ཤོག།
ཕེབས་ཤོག། ཕེབས་ཤོག།
སྦྲ་ནག་འདི་རུ་ཕེབས་ཤོག།
སྦྲ་ནག་སྨུག་པོའི་ཕ་ཁྱིམ་འདི་ཡི་ནང།
ཕ་དང་ཨ་ཁུ་གླུ་དབྱངས་སྙན་པོ་ཡོད།
མ་དང་སྲིང་མོའི་ཞབས་བྲོ་ལྡེམ་ལྡེམ་ཡོད།
བསོ་་་་་་་ཤ་ཉེ་ཚོ།
སྙན་པས་དབྱངས་དང་སྡེམ་པའི་ཞབས་བྲོ་ཡོད།
བསོ་་་་་་གྲོགས་པོ་ཚོ།
ཕེབས་ཤོག་ཕེབས་ཤོག་སྦྲ་ནག་འདི་རུ་ཕེབས་ཤོག།
ཕེབས་ཤོག། ཕེབས་ཤོག།
སྦྲ་ནག་འདི་རུ་ཕེབས་ཤོག།
སྦྲ་ནག་ཚང་གི་སྤུན་ཟླ་འདི་ཡི་ནང།
མཐུན་སྒྲིལ་ལྡན་པའི་ཕུ་ནུའི་དགའ་སྤྲོ་ཡོད།
ལྷ་དང་བླ་མའི་གསུང་དབྱངས་སྙན་མོ་ཡོད།
བསོ་་་་་ཤ་ཉེ་ཚོ།
རྒྱབ་རི་རྩེ་ནས་གསང་མཆོད་ལན་གསུམ་འབུལ།
བསོ་་་་་་་གྲོགས་པོ་ཚོ།
ཕེབས་ཤོག་ཕེབས་ཤོག་གངས་ལྗོངས་འདི་རུ་ཕེབས་ཤོག།བསོ་་་་་་་གྲོགས་པོ་ཚོ།
ཕེབས་ཤོག་ཕེབས་ཤོག་གངས་ལྗོངས་འདི་རུ་ཕེབས་ཤོག།
བསོ་་་་་་ཤ་ཉེ་ཚོ།
རྒྱབ་རི་རྩེ་ནས་བསང་མཆོད་ལན་གསུམ་འབུལ།
བསོ་་་་་་་གྲོགས་པོ་ཚོ།
ཕེབས་ཤོག་ཕེབས་ཤོག་གངས་ལྗོངས་འདི་རུ་ཕེབས་ཤོག།
Негізгі бет Ойын-сауық Ex Kollegal NyNj 2022 Picnic
Пікірлер