#噶瑪巴千諾 # karmapaKhyenno 唱誦:謝旦
ལེན་མཁན། ཤེར་བསྟན།
ཐུགས་རྗེ་འོད་དཀར་འཁྱིལ་བའི་བླ་མ་ཞིག།
ཡངས་པའི་སྔོ་སངས་ལྷ་མོའི་ཞལ་དཀྱིལ་དུ།།
མི་ནུབ་གླིང་བཞིའི་ཁྱོན་དུ་འཛུམ་དང་ལྷན།།
རྫོགས་ལྡན་དགའ་བ་བསུ་བའི་གྲོགས་སུ་གྱུར།།
ཀརྨ་པ།མཁྱེན་ནོ།
ཀརྨ་པ།ང་ཡི་བླ་མ་མཁྱེན་ནོ།
འགྱུར་མེད་སྐུ་ཡི་ས་འཛིན་དཀར་པོ་ལས།།
འགག་མེད་གསུང་གི་བདུད་རྩིའི་ཆུ་རྒྱུན་འབབ།།
འཁྲུལ་མེད་ཐུགས་ཀྱིས་འགྲོ་བའི་གདུང་བ་སེལ།།
རིས་མེད་འགྲོ་བའི་བླ་མ་ཀརྨ་པ།།
ཀརྨ་པ།མཁྱེན་ནོ།
ཀརྨ་པ།ང་ཡི་བླ་མ་མཁྱེན་ནོ།
ཉི་མའི་དྲོད་ཀྱིས་རྩི་ཤིང་ལོ་འབྲས་རྒྱས།།
ཟླ་བའི་འོད་ཀྱིས་གླིང་བཞིའི་མུན་པ་བསལ།།
ཁྱེད་ཀྱི་མཁྱེན་བརྩེས་མི་ཤེས་རྨོངས་ན་སེལ།།
མ་ལུས་འགྲོ་བའི་སྐྱབས་མགོན་ཀརྨ་པ།།
ཀརྨ་པ།མཁྱེན་ནོ།
ཀརྨ་པ།ང་ཡི་བླ་མ་མཁྱེན་ནོ།
མཇལ་ན་མཐོང་གྲོལ་ལྡན་པ་སྐུ་ཡི་ཉམས།།
ཉན་ན་ཐོས་གྲོལ་རང་བཞིན་གསུང་གི་མཐུ།།
བསམ་ན་དྲན་གྲོལ་ངོ་བོ་ཐུགས་ཀྱི་རྩལ།།
དྲན་རིག་སོར་རྟོག་རང་གྲོལ་ཀརྨ་པ།།
ཀརྨ་པ།མཁྱེན་ནོ།
ཀརྨ་པ།ང་ཡི་བླ་མ་མཁྱེན་ནོ།
ཚད་མེད་བྱམས་པའི་ཕྱོགས་དང་རིས་སུ་མེད།།
དཔག་མེད་སྙིང་རྗེས་དགྲ་ཡང་གཉེན་དུ་གཟིགས།།
སྒྲིབ་མེད་མཁྱེན་པས་ཤེས་བྱའི་དེ་ཉིད་རྟོགས།།
ཕྲིན་ལས་མཐའ་ཡས་རྡོ་རྗེ་ཀརྨ་པ།།
🌀加入會員,月一杯咖啡法布施,共享影音善業!
kzitem.infojoin
Негізгі бет 感動の佛曲 ༼ཀརྨ་པ།༽༽ཤེར་བསྟན། 噶瑪巴千諾 karmapa Khyenno
Пікірлер: 226