ཡན་ལག་བརྒྱད་ལྡན་སེང་གེ་གཙང་ཆུ།།
དྭངས་གསལ་མཉམ་པོ་ཆིལ་ཆིལ་རྒྱུག་འདུག།
རྒྱུག་པའི་ཆུ་མོ་གྲང་བསིལ་ང་མ་ཡིན།།
བླ་མའི་ཐུགས་ཀྱི་བྱིན་རླབས་རྒྱ་མཚོ་ཡིན།།
འདབ་མ་བརྒྱད་ལྡན་མེ་ཏོག་དཀར་པོ།།
སེམས་པ་དགའ་བའི་འཛུམ་ཞལ་ཅན་ཞིག།
འབར་པའི་མེ་ཏོག་དཀར་པོ་ང་མ་ཡིན།།
དྲིན་ཅན་བླ་མའི་ཞལ་གདོང་ཟླ་བ་ཡིན།།
བདུག་སྤོས་ཤིང་གི་དྲི་བཟང་ཤུག་པ།།
ཞིམ་ཞིམ་མཉམ་པོ་སྣ་བར་མཆོད་འདུག།
མཆོད་པའི་དྲི་ཆབ་གཙང་མ་ང་མ་ཡིན།།
ཀུན་བཟང་བླ་མའི་བསླབ་གསུམ་ནོར་བུ་ཡིན།།
ཡུར་མགོ་བདེ་ཆེན་པད་མ་གླིང་གྱི་མ་དགོན་དུ།།
ཐུབ་འོད་ཀླུ་སྒྲུབ་གསུམ་གྱིས་གསེར་བཟང་བཞུགས།།
རྟེན་གསུམ་འཛོམས་པའི་སྐུ་གསུམ་ཐུགས་རྟེན་ཡང་།།
སྐྱབས་མགོན་བླ་མ་ཕེབས་པར་དགའ་བསུ་བཞུ།།
སྙན་པའི་རོལ་མོ་རྡུང་དང་རྒྱ་ལིང་།།
རྣ་བའི་ལམ་དུ་ཡང་ཡང་ཚོར་བྱུང་།།
ཚོར་པའི་སྒྲ་དབྱངས་སྙན་པོ་ང་མ་ཡིན།།
ཀླུ་སྒྲུབ་གཉིས་པའི་གསུང་སྐད་བདུད་རྩི་ཡིན།།
དཀར་ཞིང་གཙང་བའི་ཁ་བཏགས་རིང་མོ།།
སྐྱབས་མགོན་བླ་མའི་ཕྱག་ཏུ་ཕུལ་ལོ།།
ཕུལ་བའི་བཀྲ་ཤིས་རྟགས་བརྒྱད་ང་མ་ཡིན།།
འཕྲིན་ལས་ལྷུན་འགྲུབ་སྐུ་ཚེ་བརྟན་དུ་ཡིན།།
ཐུགས་རྟེན་བྱང་ཆུབ་སེམས་པའི་མཆོད་རྟེན་བཞུགས།།
སྨན་མཆོག་རྒྱལ་པའི་སྨན་རྫས་མངར་བསྐྱུར་བཙུགས།།
འབྲོག་ཁྱུ་གཡག་བྲི་གསུམ་གྱི་བང་མཛོད་ཀྱང་།།
བླ་མའི་མཛད་འཕྲིན་བཟང་པོར་དགའ་བསུ་བཞུ།།
༈ སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ྋསྐྱབས་མགོན་དཀོན་མཆོག་བསྟན་འཛིན་ ཀུན་བཟང་འཕྲིན་ལས་ལྷུན་སྒྲུབ་དཔལ་བཟང་པོ་མཆོག་གིས་ལྗང་སྒྱུར་རང་སྒྱུར་གྱི་ མཛད་རིམ་སྐབས་ཡུར་མགོ་དགོན་བདེ་ཆེན་པདྨ#་གླིང་གི་དབུ་བྱེད་མཛད་སྒོ་དང་new འབྲེལ་ད་ལན ྋསྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་དུ དགའ་བསུའི་གླུ་དབྱངས ཞེས་པའི་གླུ་ཞིག་ལྷན་རྒྱས་རྣམས་ཀྱི་སྤྱན་ལམ་དུ་གང་མགྱོགས་ཐོན་པའི་རེ་བ་ཡིན་ ལྷན་རྒྱས་ཚང་མ་ཐུགས་དགའ་སྤྲོའི་ངང་ནས like,share,subscribe གང་ མང་ཡོང་བར་བཞུ།།
ཐུགས་རྗེ་ཆེ།🙏
During the go green and go organic opening ceremony program at Urgo Gon Deachen Padmaling by gracing of His Holiness Skabgon Chetsang Rinpoche. am going to come up with my new song lyrics དགའ་བསུའི་གླུ་དབྱངས regarding the programme. So, do not forget to like, share and subscribe.
Thank you🙏
Song name :དགའ་བསུའི་གླུ་དབྱངས།
Singer: Dorjey stakmo & Stanzin Angmo. Composer : konchok Tashi (konwangkargyan) producer: Gan Tashi jigmat (phobrang)
Lyric: konchok Tashi (konwang kargyan)
Music : Sagar Sharma.
Voice Recorded : Drayang Studio, Leh.📍
Poster Design tsewang tharuk
: / @tharuktsewang847
Негізгі бет དགའ་བསུའི་གླུ་དབྱངས། Gasu lyu yang
Пікірлер: 40