༅།། སྤྱི་ལོ 2024ལོའི་ཟླ6པའི་ཚེས 29 ཉིན་གྱི་མཚན་ཕུད་དམ་བཅའི་སྐབས་རང་དགོན་གྱི་༧སྐྱབས་རྗེ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག རིགས་པའི་སྒོ་བརྒྱ་འབྱེད་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་། ཆོས་གྲོགས་བཙུན་མ་རྒས་གྲས་ཁག་ཅིག་བཞུགས་གྲལ་དུ་འཁོད་དེ། དོ་ནུབ་ཀྱི་མཚན་ཕུད་དམ་བཅའི་སྐབས་ཀྱི་རིགས་ལམ་པ་དང་དམ་བཅའ་བའི་རིག་རྩལ་ལ་དགའ་སྤྲོའི་དགོད་སྒྲ་དང་བཅས་འཇལ་བཞིན་མཆིས།
དགེ་བའི་བཤེས་གཉེན་རྣམས་གྱིས་ལྷག་སེམས་རྣམ་པར་དག་པའི་སྒོ་ནས་བདག་ཅག་སློབ་བུ་རྣམས་ལ་གཞུང་ཆེན་མོའི་དོན་ཟབ་གནས་ལུགས་ཡང་ནས་ཡང་དུ་སློབ་ཁྲིད་གནང་བའི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་ཆར་ཕ་མ་བཟང་བོའི་བུ་ཕྲུག་དང་།། དགེ་རྒན་བཟང་བོའི་སློབ་ཕྲུག།། ཟེར་བའི་དཔེ་ལྟར། སློབ་ཕྲུག་མང་དག་ཞིག་ལ་གཞུང་ཆེན་གྱི་གོ་རྟོགས་དང་རིགས་འབྲས་གཡུར་དུ་ཟ་བ་ཞིག་ཐོབ་ཡོད་པ་མིག་མཐོང་ལག་ཟིན་ཡིན་པ་སྨྲས་ཅི་དགོས།
འདི་ཡང་མདོར་ན་བདག་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གངས་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྤྱི་ནོར་༧ གོང་ས་༧སྐྱབས་མགོན༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ༧རྒྱལ་བ་རྒྱས་པའི་མཆོད་སྤྲིན་དུ་འགྱུར་བར་སྨོན།
Today is the 29th of June, Our nuns held a special night congregational meeting, where nuns compete and debate on the specific topic of Buddhist doctrine. Here we are sharing some delightful moments of the night.
今天是六月二十九日,甘丹曲林的阿尼们在这里举行了一场特别的夜会,阿尼们就佛法的专题进行辩论和竞赛。下面我们来分享一下当晚的一些精彩瞬间。
Негізгі бет སྤྱི་ལོ་༢༠༢༤ལོའི ཟླ་བ་༦ཚེས ༢༩ཉིན་གྱི་མཚན་ཕུད་དམ་བཅའི རྣམ་པ།
Пікірлер: 30