༄༅། །རྒྱལ་བ་དགྱེས་པའི་ཆོས་དབྱངས། ||
Song: GYASPE CHOD-YANG
Singer: SONAM GYALTSEN ,
STANZIN ANGMO,
PADMA CHUSKIT,
STANZIN GYACHIN
Lyricist: STANZIN GYATSO THIKGON
Composition: STANZIN DEM
Recording : DAYANGS STUDIO
Music: SAGAR SHARMA STUDIO
Producer: Er. PHUNTSOK TASHI
Editor: TENZY GAWA
♡___________________________♡
༄།།རྒྱལ་བ་དགྱེས་པའི་མཆོད་དབྱངས།
༡༽ འཇིག་རྟེན་མུན་སེལ་དཀར་གསལ་ཟླ་བ།
སྐར་ཚོགས་དཀྱིལ་ན་མཛེས་ས་ཙོག་ལ།
འཛུམ་ལྡན་རྒྱལ་བའི་ཞལ་གྱི་དཀྱིལ་འཁོར།
མི་ཚོགས་དཀྱིལ་ན་ཁྱེད་པར་ཅན་ཞིག།
མཁྱེན་ནོ་བསྟན་འཛིན་རྒྱ་མཚོ་མཁྱེན་ནོ།
དྲིན་ཅན་རྩ་བའི་བླ་མ་མཁྱེན་ནོ།
ངའི་རྩ་བའི་བླ་མ་མཁྱེན་ནོ།
༢༽ མཛེས་ལྡན་མེ་ཏོག་ལྡུམ་རའི་ནང་དུ་
བུང་བའི་ཚོགས་ཀུན་འཁོར་བ་ཙོག་ལ་།།
ཕོ་ བྲང་ཞི་བའི་སྐྱིད་ཚལ་ནང་ལ།
རྒྱལ་བའི་ཆོས་ལ་མི་མང་ཞལ་འཛོམས།
མཁྱེན་ནོ་བསྟན་འཛིན་རྒྱ་མཚོ་མཁྱེན་ནོ།
དྲིན་ཅན་རྩ་བའི་བླ་མ་མཁྱེན་ནོ།
༣༽ གཡུ་འབྲུག་སྡོན་མའི་སྐད་སང་མཐོན་པོ།
གུང་ནམ་དཀྱིལ་སྒྲོགས་ས་ཙོག་ལ།
གསེར་ཁྲི་སེར་པོ་མཐོན་པོའི་སྟེང་ན།
ཆོས་ཀྱི་སྒྲ་དབྱངས་འཇིག་རྟེན་ཀུན་ཁྱབ།
མཁྱེན་ནོ་བསྟན་འཛིན་རྒྱ་མཚོ་མཁྱེན་ནོ།
དྲིན་ཅན་རྩ་བའི་བླ་མ་མཁྱེན་ནོ།
༤༽ འགྱུར་མེད་རི་རབ་ལྷུན་པོ་ཙོག་ལ་།
སྐུ་ཚེ་བརྟན་པའི་གསོལ་བ་སྨོན་ལ།
དབྱར་ངོ་ཚེ་པའི་ཟླ་བ་བཞིན་དུ་།
མཛད་འཕྲིན་ཕྱོགས་ཀུན་རྒྱས་པར་ཤོག་ཅིག།
འཛུམ་ལྡན་རྒྱལ་བའི་ཞལ་གྱི་དཀྱིལ་འཁོར།
མི་ཚོགས་དཀྱིལ་ན་ཁྱེད་པར་ཅན་ཞིག།
ཕོ་བྲང་ཞི་བའི་སྐྱིད་ཚལ་ན་།
རྒྱལ་བའི་ཆོས་ལ་མི་མང་ཞལ་འཛོམས།
གསེར་ཁྲི་སེར་པོ་མཐོན་པོའི་སྟེང་ན།
ཆོས་ཀྱི་སྒྲ་དབྱངས་འཇིག་རྟེན་ཀུན་ཁྱབ།
དབྱར་ངོ་ཚེ་པའི་ཟླ་བ་བཞིན་དུ་།
མཛེད་འཕྲིན་ཕྱོགས་ཀུན་རྒྱས་པར་ཤོག་ཅིག།
🎶🎶🎶🎶🎶🎶🎶🎶🎶🎶🎶🎶
SPECIAL THANKS GIVING:
Acho Stobgail Dem
Ajang Dorjey Stakmo
Ven. Stanzin GYATSO Thiksey Gonpa
Er. phuntsok Tashi
Sagar Sharma Delhi
sonam Gyaltson
Padma Chuskit
Stanzin Angmo
Tenzy Gawa
Sir Lobzang Rantaksha
🙏🙏🙏Long live His Holiness 🙏🙏🙏
Негізгі бет ༄༅། །རྒྱལ་བ་དགྱེས་པའི་ཆོས་དབྱངས།GYALWA GYASPE CHOS-YANG | Dalai Lama song | New Ladakhi song 2023
Пікірлер: 39