Facebook facebook.com/rigzinchophe...
Song: La Mai Zed Thin
Singer: Tashi Tshomo
Lyrics: @rigzinchophel
Composer: @Knamdakvlog.
Music: @JigmeDawa
Record & Mixed: Gaki Choyang Studio
Lyrics
ཆོས་བློན་པདྨ་གུང་བཙན།།
སྤྲུལ་སྐུ་ཤཱཀྱ་བཟང་པོ།།
གང་གི་རྣམ་པར་རོལ་པ།།
ཨྱོན་འཇིགས་མེད་ཕྲིན་ལས།།
འབྲས་ལྗོངས་ཡུལ་དུ་འཁྲུངས་སོང་།།
དུས་ངན་སྙིགས་མའི་དུས་སུ།།
སངས་རྒྱས་བསྟན་པའི་ཐུགས་ཁུར།།
གངས་རི་ལས་ཀྱང་མཐོ་བ།།
རི་ལ་གཡོ་འགུལ་མི་འདུག།
ཨེ་མ་ངོ་མཚར་ཆེ་སོང་།།
ང་ཚོའི་སྐྱབས་གནས་བཞུགས་པའི།།
དྲིན་ཆེན་རྩ་བའི་བླ་མ།།
ཐུགས་བརྩེ་བྱམས་པའི་རི་ལ།།
མཛད་ཕྲིན་ཉི་མ་ཤར་འདྲ།།
ཉི་མར་གྲིབ་ཡོལ་མི་འདུག།
ཐོས་བསམ་སྒོམ་པའི་ལང་ཚོ།།
མཁས་བཙུན་བཟང་པོའི་རྣམ་ཐར།།
ཐུགས་ཀྱི་ཀློང་དུ་བཞག་ནས།།
སྦས་པའི་ཚུལ་དུ་བཞུགས་ཀྱང་།།
བསྟན་འགྲོའི་མཛད་ཕྲིན་རྒྱས་སོང་།།
Негізгі бет La Mai Zed Thin | Tashi Tshomo | Jigme Dawa Studio.
Пікірлер: 3