Singer : Choeying Dolma
Composer : Choeying Dolma
Lyrics : Gen Tsering Norgey la
ཚིག༌ = དགེ༌ཚེ༌རིང༌ནོར༌རྒྱལ༌
གདངས༌= ཆོས༌དབྱིངས༌སྒྲོལ༌མ༌
གཞས༌མ༌= ཆོས༌དབྱིངས༌སྒྲོལ༌མ༌
རོལ༌དབྱངས༌= ཚེ༌དབང༌མཐར༌ཕྱིན༌
ཨ་མ་ལགས་ཀྱི་གྱ་སྟོན་རྟེན་འབྲེལ་།
ཨ་མ་ཡུམ་གཅིག་རྗེ་བཙུན་པད་མ།
སྐུ་ཡི་མཚར་སྡུག་འཛུམ་པའི་པད་མ།
གསུངས་དབྱངས་སྙན་པའི་ཡིད་འཕྲོག་པད་མ།
ཐུགས་བཞད་དྲི་མེད་དྭངས་གཙང་པད་མ།
རང་ཡུལ་བྲལ་ནས་གཞན་ཡུལ་འགྲིམས་དུས།
བོད་ཅེས་རྨེག་མེད་ཡལ་བར་ཉེ་ཡང།
ང་ཚོའི་བླ་སྲོག་སྐྱ་རེངས་བསྐྲུན་ནས།
རིག་གཞུང་ཆུ་མོའི་བཞུད་རྒྱུན་རིང་ཡོད།
ཨ་ འ་ འ་ མ་ འ་ འ་ ལགས་ ཡུམ་གཅིག་རྗེ་བཙུན་པད་མ་ལགས།
དགུང་གྲངས་བརྒྱད་ཅུར་ཕེབས་པའི་ཨ་མ།
བོད་ཕྲུག་ཉམས་་ཐག་ཀུན་གྱི་ཨ་མ།
རྨོངས་སེམས་མུན་པར་ཤེས་ཡོན་བརྒྱན་ནས།
ང་ཚོའི་སྒོ་གསུམ་ཁྱེད་ཀྱི་བཞེངས་བྱུང།
ཉི་ཟེར་ནུབ་རི་ཕག་ལ་འགྲིབས་ཀྱང།
གཞན་གཅེས་ལྷག་བསམ་ཐུགས་སེམས་དཀར་པོ།
ཨ་མ་ཁྱེད་ཀྱི་བྱམས་བརྩེའི་འོད་ཟེར།
དམར་ཆུང་སྙིང་གི་ལོགས་སུ་བཀོད་ཡོད།
སྐུ་ཡི་བརྒྱ་སྟོན་སྐལ་བཟང་རྟེན་འབྲེལ།
བཀའ་དྲིན་སྙིང་དབུས་དྲན་བཞིན་དྲན་བཞིན།
སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས་ནས།
སྙིང་དབུས་བཀྲ་ཤེས་བདེ་ལེགས་ཞུ་ལགས།
(Repeat) བཀྲ་ཤེས་བདེ་ལེགས་ཞུ་ལགས།
@WILDTIBETPICTURE བདག་མེད་བོད་ཀྱི་གློག་བརྙན།
Негізгі бет new Tibetan song / Amala ki gyaton tendrel /ཨ་མ་ལགས་ཀྱི་གྱ་སྟོན་རྟེན་འབྲེལ་།
Пікірлер: 49