༄༅། ཆིབས་རྟ་གཡུ་འབྲུག་ལགས། གཞས་ཚིགས་རི་སྐྱ་ལྷ་འོད་རིན་པོ་ཆེ།།
༡༽ཆིབས་རྟ་གཡུ་འབྲུག་སྔོན་མོ།། གཞན་ཡུལ་རྒྱ་གར་བཞག་ནས།།
ཕ་ཡུལ་གངས་ཅན་བོད་ལ།། ཆིབས་ཞལ་བསྒྱུར་བ་གནང་དང་།།
༢༽གོང་ས་༧སྐྱབས་མགོན་ཆེན་པོ།། ཅང་ཤེས་གཡུ་འབྲུག་ཆིབས་ནས།།
མོན་ཡུལ་ལ་མོ་བསྐྱོན་ནས།། གདུལ་ཞིང་བདག་གིར་བཞེས་དང་།།
རྟ་མཆོག་ཁྱེད། བོད་ལ་ཕྱོགས།
༣༽གཞིས་ལུས་རྒྱ་ཆེ་མི་མང་།། བྱེས་འབྱོར་འཛམ་གླིང་བོད་རིགས།།
ཤ་རུས་གཅིག་པའི་སྤུན་ཟླ།། ཞལ་འཛོམས་དུས་བཟང་ཤར་རན།།
༤༽རྟ་མཆོག་བོད་ལ་ཕྱོགས་པའི།། སྨིག་པའི་སྒྲ་ཆེན་གསན་པར།།
གདོང་དམར་བོད་མིའི་རྣ་དབང་།། ཉིན་མཚན་མེད་པར་འགུགས་ཡོད།།
༧གངས་ཅན་མགོན། སྐུ་ཚེ་བརྟན།
༥༽ཕོ་བྲང་པོ་ཏ་ལ་ཡི།། བཞུགས་ཁྲི་གླིང་ཁའི་མདུན་ཐང་།།
ཆོས་ཀྱི་འཁོར་ལོ་བསྐོར་དང་།། བོད་བོད་ཡུལ་སྐྱིད། ལུགས་ཟུང་རྒྱས།
རྒྱལ་ས་ལྷ་ལྡན་གསེར་ཁྲིར།། མེས་དབོན་མངའ་ཐང་སྐྱོང་བར།།
༧གོང་ས་མཆོག སྐུ་ཚེ་བརྟན
Негізгі бет On behalf of Tibetan in Tibet singing this song on H.H.the 14th Dalai Lama Birthday By Jamyangjack
Пікірлер: 24