Semkyi norbu
གཞས་ཚིག དྲན་གསལ།
གཞས་གདངས། རྫོགས་ཆེན་བསྟན་འཛིན།
གཞས་མ། བརྒྱད་དབྱངས་སྒྲོལ་མ།
lyrics-
དྲིན་ཆེན་ཕ་ལོ་མ་ལོ།།
བུ་མོའི་སེམས་ཀྱི་གསེར་ཡིན།།
ཕ་མའི་ཁ་ཏ་བཟང་པོ།།
སེར་པོ་གསེར་གྱི་མདངས་རེད།།
བསྭོ་ཡ་ལ། ཕ་མའི་ཁ་ཏ་བཟང་པོ།།
སེར་པོ་གསེར་གྱི་མདངས་རེད།།
ཡ་རབས་དགེ་རྒན་བཟང་པོ།།
བུ་མོའི་སེམས་ཀྱི་དངུལ་ཡིན།།
རྒན་གྱི་བསླབ་བྱ་གཙང་མ།།
དཀར་པོ་དངུལ་གྱི་མདངས་རེད།།
བསྭོ་ཡ་ལ། ་་་
རྒན་གྱི་བསླབ་བྱ་གཙང་མ།།
དཀར་པོ་དངུལ་གྱི་མདངས་རེད།།
བོད་ཡིག་དབྱངས་གསལ་སོ་བཞི།།
བུ་མོའི་སེམས་ཀྱི་མཚོ་ཡིན།།
དབྱངས་གསལ་སོ་བཞིའི་ང་རོ།།
གཙང་མོ་མཚོ་ཡི་རླབས་རེད།།
བསྭོ་ཡ་ལ།
དབྱངས་གསལ་སོ་བཞིའི་ང་རོ།།
གཙང་མོ་མཚོ་ཡི་རླབས་རེད།།
#subscribe #newsong #tibetansong2023
Негізгі бет Semkyi Norbu I སེམས་ཀྱི་ནོར་བུ། 8yang dolmaI official music video I new tibetan song
No video
Пікірлер: 108