བླ་མ་ཉི་མ་རིན་པོ་ཆེ།
གངས་ཅན་དོལ་པོའི་ཡུལ་ལྗོངས་ལ།།
བཀའ་དྲིན་ཤིན་ཏུ་ཆེ་བའི་མི།།
སྐར་ཚོགས་ལྟ་བུ་གྲངས་མེད་ཡོད་ན་ཡང་།།
ཉི་མ་བླ་མ་ཉི་མ་འདྲ།།
འཕགས་ཡུལ་མཻ་སོར་རྣམ་གླིང་དུ།།
དོལ་པོའི་དགེ་འདུན་ཐོག་མ་ཡིན།།
ལམ་སྣ་བཟང་པོ་དྲངས་པའི་བཀའ་དྲིན་ཅན།།
བླ་མ་ཉི་མ་རིན་པོ་ཆེ།།
ཤར་ཕྱོགས་ཐའི་ཝན་རྒྱལ་ཁབ་ཏུ།།
དོལ་པོའི་བླ་མ་ཐོག་མ་ཡིན།།
སྔ་འགྱུར་ཆོས་ཚོགས་བཙུགས་པའི་བཀའ་དྲིན་ཅན།།
བླ་མ་ཉི་མ་རིན་པོ་ཆེ།།
བལ་ཡུལ་རྒྱལ་ཁབ་ཆེན་པོ་རུ།།
གཏེར་མཛོད་དབང་ལུང་ཐོག་མར་སྤེལ།།
གོ་སྒྲིག་འགན་ཁུར་གནང་བའི་བཀའ་དྲིན་ཅན།།
བླ་མ་ཉི་མ་རིན་པོ་ཆེ།།
རང་ཡུལ་དོལ་ཕྱོགས་གྲུ་བཞིའི་ནང་།།
སྐྱིད་སྡུག་ཚོགས་པ་ཐོག་མར་བཙུགས།།
མགོ་འདོན་སྐུ་ངལ་བསྐྱོན་པའི་བཀའ་དྲིན་ཅན།།
བླ་མ་ཉི་མ་རིན་པོ་ཆེ།།
ཡམ་བུ་རྒྱལ་སའི་ནང་ཤེད་ན།།
དོལ་པོའི་སྤྱི་ཁང་ཐོག་མ་བཞེངས།།
གཞན་དང་འདྲ་མཉམ་བཟོས་པའི་བཀའ་དྲིན་ཅན།།
བླ་མ་ཉི་མ་རིན་པོ་ཆེ།།
དོལ་པོའི་རིག་གཞུང་བཟང་པོ་དང་།།
དེང་དུས་ཤེས་ཡོན་ཟུང་འབྲེལ་གྱི།།
མིག་དཔེ་ཐོག་མར་བསྟན་པའི་བཀའ་དྲིན་ཅན།།
བླ་མ་ཉི་མ་རིན་པོ་ཆེ།།
Негізгі бет Музыка དོལ་པོ་ཉི་མ་རིན་པོ་ཆེ་ལ་བསྟོད་གླུ། Song for Nyima Rinpoche. #dolpo #dolposong
Пікірлер: 4