Tibetan new Official Song "BOD LA YOD" By Kalsang Kunga Keku གཞས་པ་སྐལ་བཟང་ཀུན་དགའི་བོད་གཞས་གསར་པ། བོད་ལ་ཡོད།
Lyricist: Gen TenzIn Kalden
Singer & Composer: Kalsang Kunga Keku
ལེན་མཁན། སྐལ་བཟང་ཀུན་དགའ།
ཚིག རྒན་བསྟན་འཛིན་སྐལ་ལྡན།
གདངས། སྐལ་བཟང་ཀུན་དགའ།
གཞས་ཚིག
ཁ་བའི་ལྗོངས་ཀྱི་ཞིང་འདིར།
སྤྱན་རས་གཟིགས་ཀྱི་ཐུགས་རྗེ་གཏེར།
ཆོས་དང་སྐད་ཡིག་རིག་གཞུང་།
ཡུལ་ལུང་གཞན་ལས་ལྷག་པ་ཡོད།
ལྷག་བསམ་དུང་ལས་དཀར་བ། ང་ཚོའི་སྙིང་སྟོབས་སྟག་ལས་ཆེ་བ།
ཆོས་སེམས་ལྷ་ལས་ལྷག་པ། ང་ཚོའི་སེམས་ཤུགས་རི་ལས་བརྟན་པ།
རྟ་མཆོག་རྨ་བྱ་གླང་ཆེན་ཁ་འབབ་སེང་གེ་ཁ་འབབ་ཡོད།
འབྲི་ཆུ་རྨ་ཆུ་རྫ་ཆུ་རྒྱལ་མོ་རྔུལ་ཆུ་ཡོད་པའི་ཞིང་ཁམས་འདིར།
དབྱར་དུས་སྤངས་ལ་མེ་ཏོག
སྨན་རྩ་འདྲ་མིན་སྣ་ཚོགས་ཡོད།
འབྲུ་དང་ནས་དང་གྲོ་མ།
ཤ་མོ་གསེར་ཤ་མོག་རོ་ཡོད།
མ་ཕམ་གཡུ་མཚོ་ཡར་འབྲོག་གཡུ་མཚོ། ་གནམ་མཚོ་མཚོ་སྔོན་ཡོད།
གངས་དཀར་ཏི་སེ་གཉན་ཆེན་ཐང་ལྷ། རྨ་ཆེན་སྤོམ་ར་ཡོད།
ཁྲུང་ཁྲུང་དཀར་མོ་རྐྱང་དང་གླ་བ། ཁུ་བྱུག་གོང་མོ་ཡོད།
པོ་ཏ་ལ་དང་བསམ་ཡས་ཇོ་ཁང་ཡུམ་བུ་བླ་མཁར་ཡོད་པའི་ཞིང་འདིར།
སྐྱབས་གནས་དཀོན་མཆོག་གསུམ་དང་།
བླ་མར་དད་པ་གཡོ་བ་མེད།
རྙིང་མ་ས་སྐྱ་བཀའ་བརྒྱུད།
དགེ་ལུགས་གཡུང་དྲུང་བོན་བཅས་ཡོད།
མངའ་རིས་སྐོར་གསུམ་དབུས་གཙང་རུ་བཞི། མདོ་ཁམས་སྒང་དྲུག་ཡོད།
ཐང་ཤིང་ཤུག་པ་པཱ་མ་བྷ་ལུ། དབྱར་རྩ་དགུན་འབུ་ཡོད།
གཡག་དང་འབྲི་དང་གཡང་དཀར་ལུག་གུ རྟ་དྲེལ་དོམ་ཁྲ་ཡོད།
བྲག་རི་ནགས་རི་སྤངས་རི། གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་འདིར།
Негізгі бет Tibetan new Official Song "BOD LA YOD" By Kalsang Kunga Keku བོད་ལ་ཡོད།
Пікірлер: 139