༸གོང་ས་མཆོག་གི་མཛད་རྗེས་རྒྱུན་གནས་ཐད་གཞོན་སྐྱེས་ཚོས་ལས་འགན།
ཁ་སང་ཕྱི་ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པ་དང་བསྟུན། འདི་ག་རླུང་འཕྲིན་ཁང་ནས་བཞུགས་སྒར་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་དང་། བོད་ཀྱི་ན་གཞོན་འདུ་འཛོམས་ཐེངས་དང་པོ་གཉིས་ཀྱི་ནང་མཉམ་ཞུགས་གནང་མཁན་ཕྱི་རྒྱལ་དང་རྒྱ་གར་ནས་ཡིན་པའི་བོད་པའི་གཞོན་སྐྱེས་གསུམ་གསུམ་གདན་འདྲེན་ཞུས་པའི་ཐོག་ནས་ཁོང་རྣམ་པ་དང་ལྷན་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་རྗེས་མུ་མཐུད་རྒྱུན་སྐྱོང་ཡོང་ཐབས་སུ་གཞོན་སྐྱེས་ཚོའི་ལས་འགན་དང་བསམ་ཚུལ་ཐད་ལ་གླེང་མོལ་ཞུས་པ་ཞིག་རྒྱང་སྲིང་ཞུས་ཡོད།
Young Minds: Carrying forward Dalai Lama’s legacy
His Holiness the Dalai Lama celebrated his 89th birthday on July 6, 2024. We spoke with Tibetan youth attending CTA’s ‘Youth Forum’ and NDI’s ‘Youth Convention’ to reflect on the enduring legacy of His Holiness the Dalai Lama, his remarkable resilience in the face of continuous challenges from China, his role in advancing Tibetan democracy in exile, and what the Tibetan spiritual leader means to them.
Find more from Voice Of Tibet:
Website: www.vot.org
KZitem: / voiceoftibet
Twitter: / vot_tibetan
Instagram: / voice.of.tibet
Facebook: / voiceoftibet
#VoiceOfTibet
Негізгі бет Young Minds: Carrying forward Dalai Lama’s legacy
Пікірлер: 79